设为首页 | 加入收藏 | 联系我们
无标题文档
现在的位置: 共和新闻网今日要闻
中共青海省委第五巡视组巡视公告(藏汉双语)
来源: 中共青海省委第五巡视组
发布时间: 2023-02-15 15:51:29
编辑: 共和新闻网

   

根据省委统一部署,省委第五巡视组于2023年2月10日至5月11日,对海南州共和县进行巡视。

按照深化政治巡视、强化政治监督的要求,结合巡视工作特点规律,聚焦被巡视党组织政治责任和职能职责,省委巡视组将重点监督检查贯彻落实党的理论路线方针政策和党中央重大决策部署及省委工作要求情况,贯彻落实全面从严治党战略部署情况,贯彻落实新时代党的组织路线情况,巡视、审计等监督检查发现问题整改落实情况。

省委巡视组将在共和县工作3个月左右。巡视期间设专门值班电话:19909717881;信函邮寄专门邮政信箱:青海省海南州A007号邮政信箱,电子邮箱:qhswdwxsz@163.com,或扫描下方省委巡视信访举报系统二维码进行反映。同时,在县委、县人大、县政府、县政协、县人民法院、县人民检察院办公地,县政务服务中心,各乡镇党委政府办公地及巡视组办公地(共和县恰卜恰镇青海湖南大街5号黄河大酒店)设置了联系信箱。巡视组工作日受理电话的时间为:上午8:30-12:00,下午2:30-6:00。巡视组受理信访时间截止到2023年5月11日。

根据巡视工作条例规定,省委巡视组主要受理反映共和县领导班子及其成员、下一级党组织主要负责人和重要岗位领导干部问题的来信来电来访,重点是关于违反政治纪律、组织纪律、廉洁纪律、群众纪律、工作纪律和生活纪律等方面的举报和反映。其他不属于巡视受理范围的信访问题,将按照规定转由共和县和有关部门认真处理。

特此公告。

         

省委第五巡视组

反馈问题二维码

中共青海省委第五巡视组

2023年2月10日

སྐོར་ཞིབ་སྤྱི་བསྒྲགས།

ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་གཞིར་བཟུང་ནས།ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་ལྔ་བས2023ལོའི་ཟླ2པའི་ཚེས10ཉིན་ནས་ཟླ5པའི་ཚེས11ཉིན་བར་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ལ་སྐོར་ཞིབ་བྱ་རྒྱུ་རེད།
ཆབ་སྲིད་སྐོར་ཞིབ་ཟབ་སྤེལ་དང་ཆབ་སྲིད་ལྟ་སྐུལ་གྱི་བྱེད་ཤུགས་ཆེ་རུ་གཏོང་བའི་བླང་བྱ་ལྟར། སྐོར་ཞིབ་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་ཟུང་དུ་སྦྲེལ་ཏེ། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འགན་འཁྲི་དང་འགན་ནུས་འགན་འཁྲི་ལ་དམིགས་ཏེ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་བྱས་ཚུལ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ནམ་ཞིང་ཆེན་ཏང་ཨུའི་བྱ་བའི་གནས་ཚུལ་གྱི་བླང་བྱ་ལག་བསྟར་བྱས་ཚུལ།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལག་བསྟར་བྱས་ཚུལ། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་བྱས་ཚུལ། སྐོར་ཞིབ་དང་རྩིས་བཤེར་སོགས་ལྟ་སྐུལ་ཞིབ་བཤེར་ཁྲོད་བྱུང་བའི་གནད་དོན་དག་བཅོས་ཡོ་བསྲང་བྱས་པའི་གནས་ཚུལ་བཅས་ལ་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་རེད།  
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་གུང་ཧོ་རྫོང་དུ་ཟླ་བ་གསུམ་ཡས་མས་སུ་བྱ་བ་སྤེལ་རྒྱུ་རེད། སྐོར་ཞིབ་བྱེད་པའི་སྐབས་སུ་ཆེད་མངགས་ལས་རེས་ཁ་པར་བཙུགས་ཡོད་དེ 19909717881  ཡིན། འཕྲིན་ཡིག་ཆེད་སྤྱོད་སྦྲག་སྲིད་ཡིག་སྒམ་ཏེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལA007སྦྲག་སྲིད་ཡིག་སྒམ་དང་གློག་རྡུལ་ཡིག་སྒམ་ཏེqhswdwxszd163.comདང་ཡང་ན་བཤེར་འབེབས་འོག་ཏུ་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཡིག་སྐུར་ངོ་གཏུག་ཐེར་འདོན་མ་ལག་གི་རྩ་གཉིས་ཨང་རྟགས་སུ་གནས་ཚུལ་འདོན་པ།    
དུས་མཚུངས་སུ་རྫོང་ཨུ་དང་། རྫོང་དམངས་ཆེན། རྫོང་སྲིད་གཞུང་། རྫོང་སྲིད་གྲོས། རྫོང་མི་དམངས་ཁྲིམས་ཁང་། རྫོང་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་གཞུང་དོན་སྒྲུབ་ས་དང་། རྫོང་སྲིད་དོན་ཞབས་ཞུའི་ལྟེ་གནས། ཤང་གྲོང་སོ་སོའི་ཏང་ཨུའི་སྲིད་གཞུང་གི་གཞུང་དོན་སྒྲུབ་ས། སྐོར་ཞིབ་ཚན་ཆུང་གི་གཞུང་དོན་སྒྲུབ་སགུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མཚོ་སྔོན་པོ་ལྷོ་ལམ་གྱི་ཨང5པའི་རྨ་ཆུ་མགྲོན་ཁང་ཆེན་མོབཅས་སུ་འབྲེལ་གཏུག་ཡིག་སྒམ་བཙུགས་ཡོད། སྐོར་ཞིབ་ཚན་ཆུང་གིས་བྱ་བ་བདག་སྤྲོད་བྱེད་པའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད8:30ནས12:00བར་དང་ཕྱི་དྲོའི་ཆུ་ཚོད2:30ནས6:00བར་ཡིན། སྐོར་ཞིབ་ཚན་ཆུང་གིས་ཡིག་སྐུར་ངོ་གཏུག་བདག་སྤྲོད་བྱེད་པའི་དུས་མཚམས་ནི2023ལོའི་ཟླ5བའི་ཚེས11ཉིན་བར་རེད།          
སྐོར་ཞིབ་བྱ་བའི་སྲོལ་ཡིག་གི་གཏན་འཁེལ་ལྟར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་གཙོ་བོ་གུང་ཧོ་རྫོང་གི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། འོག་རིམ་ཏང་རྩ་འཛུགས་ཀྱི་འགན་ཁུར་བ་གཙོ་བོ་དང་ལས་རྐང་གལ་ཆེན་སྟེང་དུ་ཡོད་པའི་འགོ་ཁྲིད་ལས་བྱེད་པར་གནད་དོན་བཏོན་པའི་ཡི་གེ་དང་། ཁ་པར། ངོ་གཏུག་བཅས་ལ་བདག་སྤྲོད་བྱ་རྒྱུ་ཡིན། གཙོ་གནད་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ལ་འགལ་བའི་གནད་དོན་ཐེར་འདོན་དང་ཡར་ཞུ་འདོན་པའང་བདག་སྤྲོད་བྱ་རྒྱུ་ཡིན། སྐོར་ཞིབ་བདག་སྤྲོད་བྱེད་ཁོངས་སུ་མི་གཏོགས་པའི་ཡིག་སྐུར་ངོ་གཏུག་གི་གནད་དོན་གཞན་དག་གཏན་འཁེལ་ལྟར་གུང་ཧོ་རྫོང་གི་འབྲེལ་ཡོད་སྡེ་ཁག་ལ་སྤྲད་དེ་ཐག་གཅོད་ནན་མོ་བྱ་རྒྱུ་རེད།
  ཆེད་དུ་སྤྱི་བསྒྲགས་བྱས།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་པར་གནད་དོན་ཡར་ཞུའི་བཤེར་རྟགས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་ལྔ་བ་ནས།

               2023ལོའི་ཟླ2པའི་ཚེས10ཉིན།

相关新闻↓
    [ 返回首页 ] [ 打印 ] [ 进入青新论坛 ] [ 关闭窗口 ]
   
 
无标题文档
人民网青海频道
青海人民政府网
青海新闻网
中国藏族网通
新华网青海频道
青海羚网
青海湖网
海南州人民政...
共和县人民政...
中共共和县委宣传部版权所有 青海新闻网技术支持 青ICP备19000163号-12
免责声明:共和新闻网由中共共和县委宣传部主办,青海省互联网新闻中心提供技术支持和域名备案管理。网站内容发布和审核均由共和县委宣传部负责。